འདི་ལོ་ནས་བཟུང་ལོ་ལྟར་ང་ཚོས་དགའ་སྤོབས་ཆེན་པོས་ངང་ནས་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཕྱི་ཟླ་བདུན་པའི་ཚེས་དྲུག་ཉིན། འཛམ་གླིང་སྙིང་རྗེའི་ཉིན་མོར་ (Universal Day of Compassion) སྲུང་བརྩིའི་སྒོ་ནས། ༸གོང་ས་ཆེན་པོ་མཆོག་གིས་བྱམས་བརྩེ་དང་སྙིང་རྗེ་གོང་སྤེལ་སོགས་ཟླ་བྲལ་དབུ་ཁྲིད་ཀྱི་མཛད་འཕྲིན་རླབས་པོ་ཆེ་སྐྱོང་བཞིན་པ་འདིར་ང་ཚོ་ཚང་མས་སྔར་ལྷག་ཁོང་གི་རླབས་ཆེན་མཛད་འཕྲིན་ལ་རྒྱབ་སྐྱོར་དང་། གཞོགས་འདེགས་ཆེད། བྱམས་བརྩེ་སོགས་ཀུན་ཕན་རླབས་ཆེན་གྱི་མཛད་པ་རྣམས་ཁྱབ་སྤེལ་ཤུགས་ཆེར་ཞུ་རྒྱུ་ཡིན་པར་བརྟེན། འཛམ་གླིང་སྙིང་རྗེའི་ཉིན་མོ་ (Universal Day of Compassion) སྲུང་བརྩིའི་ལས་རིམ་དོན་དང་ལྡན་པ་འབྱུང་ཕྱིར། ད་ནས་བཟུང་སྔར་ལྷག་ང་ཚོ་ཚང་མ་མཉམ་འབྲེལ་གྱིས་རང་རང་སོ་སོས་རང་ནུས་གང་ལྕོགས་ཀྱིས་སྐྱེ་བོ་གཞན་དང་གཞན་ལ་བྱམས་སྐྱོང་དང་། སྙིང་རྗེ། གཞན་ཕན་གྱི་བསམ་པ་སོགས་ཡར་རྒྱས་གོང་སྤེལ་ཤུགས་ཆེར་གཏང་དགོས་པའི་གསལ་བསྒྲགས།
རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དང་གཞུང་འཛིན་ལྷན་ཚོགས།