སྐུའི་འཁྲུངས་སྐར་སྲུང་བརྩི། ཕྱི་ཟླ་ ༧ པའི་ཚེས་ ༦ དེ་བཞིན་ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན། ༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་མཆོག་གི་ཁྲུངས་སྐར་ལགས་ན། སྐལ་བཟང་གི་ཉིན་མོ་དེར་འདི་ག་རྒྱལ་སྤྱི་དགེ་ལྡན་ལྷན་ཚོགས་ནས། མགོན་པོ་གང་ཉིད་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་རྟེན་འབྲེལ་དུ། ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ཤིང་སྣ་འདེབས་འཛུགས་ཀྱི་ལས་གཞི་ཞིག་སྟེ། མཧྷ་གོ་ནི་ཞེས་པའི་ཤིང་སྡོང་ལྔ་བརྒྱ་བརྒྱད་དང་། བྱང་ཆུབ་ལྗོན་ཤིང་། མེ་ཏོག་སྣ་ཚོགས་འདེབས་འཛུགས་ཞུས་པ།
༄༅། །རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༢ ཚེས་ ༡༤ ནས་ ༡༦ བར་ཉིན་གསུམ་རོང་རིགས་གཅིག་རྐང་འཛིན་ཉམས་ཞིབ་ཀྱི་ལས་འཆར་ཐོག་འབྲུག་རྒྱལ་ཁབ་ནས་ཆེད་ཕེབས་སློབ་དཔོན་རྣམས་ལ་གཞུང་ཆེན་བཀའ་པོད་ལྔ་དང་། གསང་སྔགས་ཀྱི་ཐོག་ལ་ཉམས་ཞིབ་ཀྱི་ཐབས་ལམ་དང་ལུང་མཆན་འགོད་ལུགས་སྲོལ་རྒྱུན་དང་དེང་དུས་གཉིས་ཀའི་སྟེང་ནས་ཟབ་སྦྱོང་དང་སྦྱོང་བརྡར།