ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༢༦ ཉིན་དགའ་ལྡན་རྣམ་པར་རྒྱལ་བའི་ཚོགས་ཆེན་དུ་ཞྭ་སེར་བསྟན་པའི་མངའ་བདག་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དགའ་ལྡན་གསེར་ཁྲིར་ཁྲི་ཐོག་ ༡༠༥ ཕེབས་སྟོན་གྱི་མཛད་སྒོ་གནང་།
དགའ་ལྡན་ཁྲི་ཐོག་ཁང་དང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས། ཨ་རི་ཆོ་འཕྲུལ་སྨོན་ལམ་ཚོགས་པ་དང་དགའ་ལྡན་ཚོགས་ཆེན། དགའ་ལྡན་ཤར་བྱང་གྲྭ་ཚང་གཉིས། འཇང་དགུན་ཆོས་ཚོགས་པ་བཅས་ཐུན་མོང་གིས་གོ་སྒྲིག་ཞུས་ཏེ། ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༡༠ ཉིན། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་ཚོགས་མགོན་དུ་གདན་ཞུས་ཀྱིས། ཉེ་ཆར་བོད་ནང་དུ་ས་ཡོམ་རྐྱེན་པས་མི་མང་པོ་ཞིག་འདས་གྲོང་སུ་ཕྱིན་པ་དང་རྨས་སྐྱོན་བྱུང་བ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་མཆོད་འབུལ་སྨོན་ལམ་ཚོགས་ཡོད།