༢༠༡༩ ཟླ་ ༡ པའི་ཚེས་ ༡༦ ནས་ ༡༨ བར་ཉིན་གསུམ་རིང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་དགའ་ལྡན་ཁྲི་ཐོག་ཁང་དུ་སྐྱབས་རྗེ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དང་ཤར་རྩེ་ཆོས་རྗེས་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག་དབུ་མ་སྙིང་པོ་རྩ་འགྲེལ་དང། དབུ་མ་སྣང་བ། དབུ་མ་རྒྱན་བཅས་ཀྱི་ཐོག་བགྲོ་གླེང་དབུ་འཛུགས་གནང་།