ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༢༧ ཉིན་དགའ་ལྡན་རྣམ་པར་རྒྱལ་བའི་ཁྲི་ཐོག་ཁང་དུ་ཞྭ་སེར་བསྟན་པའི་མངའ་བདག་དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དང་དགའ་ལྡན་ཁྲི་ཟུར་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་རྣམ་པ་གཉིས་ལ་ཆོས་རིག་ལས་ཁུངས་དང་། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས། ཨ་རིའི་སྨོན་ལམ་ཚོགས་པ་ཐུན་མོང་གིས་བརྟན་བཞུགས་སྟེར་འབུལ་གནང་།
Read Moreརྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ངོ་རྒོལ་བསྒྲགས་གཏམ། དེ་ལྟའི་རླབས་ཆེན་སྐྱེས་མཆོག་རང་ཅག་བོད་མིའི་མགོན་སྐྱབས་༸རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་ལ། ཉེ་ལམ་ཨོ་སི་ཊོ་ལི་ཡ་ (Australia) རུ་གནས་སྡོད་བོད་མི་སེང་གེ་ཟེར་བ་འབྱུང་པོས་རྒྱུད་བརླམས་པའི་སྐྱེ་བོ་གང་དེས། སྤྱི་ཚོགས་དྲ་ལམ་ནས་མཚན་སྨད་དང་སྒྲོ་བཀུར་བློ་ཡུལ་ལས་འདས་པ་ཞུས་ཤིང་། ༸རྒྱལ་བའི་སྐུ་ཕྱྭ་ལ་སེམས་འཚབ་སྐྱེ་གཞིའི་འཇིགས་སྐུལ་དང་སྐད་ཆ་ཚབས་ཆེན་བཤད་པ་དང་། དབུས་བོད་མིའི་སྒྲིག་འཛུགས་ལའང་དགྲ་བོའི་འདུ་ཤེས་བཟུང་སྟེ་དྲ་ལམ་དུ་གཏམ་འཆལ་སྣ་ཚོགས་སྤེལ་བ་ལྟ་ཉན་ཙམ་ཡང་བཟོད་དཀའ་བའི་གནས་སུ་འདུག་པ་འདི་དག་ལ་མཐའ་གཅིག་ཏུ་ངོ་རྒོལ་སྐྱོན་བརྗོད་ཡོད།
Read More༄༅། །བོད་རབ་གནས་ཤིང་འབྲུག་བོད་ཟླ་ ༠༧ཚེས་ ༡༢དང་༡༣ཕྱི་ལོ་ ༢༠༢༤ཟླ་ ༠༩ཚེས་ ༡༥དང་༡༦བཅས་་ཉིན་གཉིས་རིང་། གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཆགས་པའི་དགའ་ལྡན་ཁྲི་ཐོག་ཁང་གི་བཀྲ་ཤིས་པའི་གཙུག་ལག་ཁང་དུ། དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་རབ་བྱུང་གི་མཁན་པོ་དང། ཤར་རྩེ་ཁ་རི་མཁན་སྤྲུལ་བསྟན་འཛིན་བློ་བཟང་མཆོག་གིས་དགེ་ཚུལ་གྱི་སློབ་དཔོན། བྱང་རྩེ་དགེ་བའི་བཤེས་གཉེན་ཆེན་པོ་དགེ་བཤེས་བསྟན་འཛིན་རྒྱལ་མཚོ་མཆོག་གིས་་དུས་གོ་དང་། དགེ་བའི་བཤེས་གཉེན་དགེ་བཤེས་དགེ་འདུན་ཆོས་འཕེལ་མཆོག་གི་ གྲོགས་དན་མཛད་པ། དགེ་བའི་བཤེས་གཉེན་དགེ་བཤེས་ཤར་རྩེ་བློ་བཟང་བཟོད་པ་མཆོག་དང་། དགེ་བའི་བཤེས་གཉེན་བྱང་རྩེ་དགེ་བཤེས་དབང་ཆེན་ནོར་བུ། དགེ་བའི་བཤེས་གཉེན་བྱང་རྩེ་དགེ་བཤེས་འཕྲིན་ལས་། དགེ་བའི་བཤེས་གཉེན་ཤར་རྩེ་དགེ་བཤེས་བློ་བཟང་ཡེ་ཤེས་། དགེ་བའི་བཤེས་གཉེན་ཤར་རྩེ་དགེ་བཤེས་ཀླུ་སྒྲུབ་བསྟན་དར་བཅས་ཀྱིས་ལས་གྲལ་མཛད་ནས། བསྒྲུབ་བྱ་དགའ་ལྡན་ཤར་བྱང་གྲྭ་ཚང་གཉིས་ཀྱི་གསར་ཞུགས་པ་གྲངས་༡༥༧ དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་བླངས་སོ།།
Read More༄༅། །ཕྱི་ལོ་ ༢༠༢༤ ལོའི་དབྱར་གནས་ཆེན་མོའི་སྐབས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་མཛད་འཆར་དང་། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ལས་དོན་ཁག
ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༤ ཉིན། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་ནས་དགའ་ལྡན་ཁྲི་ཐོག་ཁང་དུ་ཞབས་སོར་བདེ་བར་འཁོད་ཡོད་ཅིང། སྐབས་དེར་དགའ་ལྡན་ཤར་བྱང་གྲྭ་ཚང་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་གཙོས་དབུ་ཆོས་རྣམ་པ་དང་། ས་གནས་སྐུ་ངོ་གཞིས་འགོ་མཆོག་དང་ས་འཐུས་ཚོགས་གཞོན་གྱིས་གཙོས་གཞིས་ལས་ཁང་གི་མཛད་གཙོ་དང་ལས་སྣེ། གདན་ས་གྲྭ་ཚང་ཁག་གི་ཕྱག་མཛོད། གཞིས་གྲོང་ཁག་གི་སྤྱི་མི་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ ༢༦ འཐུས་མི་རྣམ་པ། གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་དགེ་འདུན་འདུས་མང་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས། ཕྱི་ཚེས་ ༦། ༧། ༨། བཅས་ཉིན་གསུམ་རིང་། གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཚོགས་ཆེན་དུ། ཤར་བྱང་གྲྭ་ཚང་གཉིས་ཀྱི་དགེ་འདུན་འདུས་མང་ལ་སྔར་སྲོལ་བཞིན་ལམ་རིམ་ཆེན་མོའི་གསུང་ཆོས་དང་ཤེས་རབ་སྙིང་པོའི་ལུང་ཁྲིད་བཀའ་དྲིན་སྩལ། ཕྱི་ཚེས་ ༩། ༡༠ ཉིན་གཉིས་ཀྱིི་རིང་། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གཞུང་འཛིན་ལྷན་ཚོགས་དང་། ལོ་འཁོར་ཚོགས་ཆེན་དུ་དབུ་བཞུགས་མཛད་དེ། ཚོགས་འདུའི་གྲོས་གཞི་ཁག་ལ་གཟིགས་ཞིབ་དང་འབྲེལ་མ་འོངས་ལས་དོན་བྱ་ཕྱོགས་སྐོར་བཀའ་སློབ་བཀའ་དྲིན་སྩལ། ཕྱི་ཚེས་ ༡༡ ཉིན། གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་ཡ་གྱལ་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གིས། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། མཚུངས་མེད་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་ལ་བརྟན་བཞུགས་བསྟར་འབུལ་ཞུས། ཕྱི་ཚེས་ ༡༠། ༡༡ ཉིན་གཉིས་ཀྱི་རིང་། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་ཏེ།…
རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དང་གཞུང་འཛིན་ལྷན་ཚོགས།
ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༩ དང་ ༡༠ ཉིན་གཉིས་རིང་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དང་ཤར་བྱང་ཆོས་རྗེས་རྣམ་གཉིས་དབུ་བཞུགས་ཐོག་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་པའི་གླིང་དུ་དགའ་ལྡན་ཁྲི་ཐོག་ཁང་གི་ཚོམས་ཆེན་ནང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གཞུང་འཛིན་ལྷན་ཚོགས་དང་ལོ་འཁོར་ཚོགས་ཆེན།