རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་དམིགས་བསལ་ཚོགས་འདུ།
༢༠༡༧ ཟླ་ ༡༢ ཚེས་ ༢༡ ཉིན་དགའ་ལྡན་ཁྲི་རབས་༡༠༤སྐྱབས་རྗེ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དང་ཤར་བྱང་ཆོས་རྗེས་རྣམ་གཉིས། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སེར་སྨད་གྲྭ་ཚང་གི་འདུ་ཁང་གི་ཡང་ཐོག་ཏུ་རབས་གསལ་ཁང་ནང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གཞུང་འཛིན་ལྷན་ཚོགས་ཀྱི་དམིགས་བསལ་ཚོགས་འདུ་གཟབ་རྒྱས་ངང་གྲུབ།