༄༅༑གསར་འཕྲིན།
དགའ་ལྡན་ཁྲི་རབས་༡༠༤ སྐྱབས་རྗེ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་སེ་ར་ཐེག་ཆེན་གླིང་དུ་ཕེབས་འབྱོར་སྐབས་དེ་ནས་ཕེབས་སུ་གཟབ་རྒྱས་ཞུས་།
དགའ་ལྡན་ཁྲི་རབས་༡༠༤ སྐྱབས་རྗེ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་སེ་ར་ཐེག་ཆེན་གླིང་དུ་ཕེབས་འབྱོར་སྐབས་དེ་ནས་ཕེབས་སུ་གཟབ་རྒྱས་ཞུས་།
༢༠༡༧ ཟླ་༨ ཚེས་༣ ཉིན་དགའ་ལྡན་ཁྲི་རབས་༡༠༤ སྐྱབས་རྗེ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་རྗེའི་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཆིབས་བསྒྱུར་བསྐྱངས་པར་སེར་སྐྱ་འགོ་མང་ཡོངས་ཀྱིས་ཕེབས་གསུ་གཟབ་རྒྱས་ཞུས། ༢༠༡༧ ཟླ་༨ ཚེས་༤ ཉིན་རྗེའི་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་དགའ་ལྡན་ཁྲི་རབས་༡༠༤ སྐྱབས་རྗེ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དགའ་ལྡན་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ་གཟབ་རྒྱས་ངང་ལེགས་པར་གྲུབ། ༢༠༡༧ ཟླ་༨ ཚེས་༥ ཉིན་མཚུངས་མེད་ཤར་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་ལགས་མཆོག་དབུ་བཞུགས་རྡོར་སློབ་གནང་ནས་ཆོས་རིག་བཀའ་བློན་སྐུ་ངོ་གཡུ་ཐོག་ཀརྨ་དགེ་ལེགས་ལགས་དང་། དགེ་ལུགས་སྤྱི་འཐུས་སྐུ་ངོ་བློ་བཟང་ཕན་བདེ་ལགས། ས་གནས་འགོ་འཛིན་འཇིག་མེད་ལགས། གདན་ས་གྲྭ་ཚང་ཁག་གི་མཁན་གདན་ཟུར་རྣམ་པ་དང་། ལས་སྣེ་རྣམ་པ་བཅས་མཉམ་བཞུགས་ཐོག་སྐྱབས་རྗེ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་ལ་དགེ་ལུགས་སྤྱི་ནས་བརྟན་བཞུགས་བསྟར་འབུལ་ཞུས། ༢༠༡༧ ཟླ་༨ ཚེས་༦ ཉིན་དགའ་ལྡན་ཁྲི་རབས་༡༠༤ སྐྱབས་རྗེ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་ནས་རྗེའི་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་གསོ་སྦྱོང་དང་དབྱར་གྱི་སྦྱོར་ཆོག་གི་དབུ་བཞུགས་བསྐྱངས། ༢༠༡༧ ཟླ་༨ ཚེས་༨ ཉིན་སྔ་དྲོ་དགའ་ལྡན་ཁྲི་རབས་༡༠༤ སྐྱབས་རྗེ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་རྗེའི་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ནས་སེ་ར་ཐེག་ཆེན་གླིང་གི་ཕྱོགས་སུ་ཕེབས་ཐོན་གནང་། ༢༠༡༧ ཟླ་༨ ཚེས་༩ ཉིན་སྔ་དྲོ་དགའ་ལྡན་ཁྲི་རབས་༡༠༤ སྐྱབས་རྗེ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་མཆོག་སེ་ར་ཐེག་ཆེན་གླིང་དུ་ཞབས་འགོད་སྐབས་དེ་ཕྱོགས་ནས་ཕེབས་གསུ་གཟབ་རྒྱས་ཞུས་། ༢༠༡༧ ཟླ་༨ ཚེས་ ༡༠ ཉིན་དགའ་ལྡན་ཁྲི་རབས་༡༠༤ སྐྱབས་རྗེ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་ནས་སེར་བྱེས་གྲྭ་ཚང་དུ་ལམ་རིམ་གསུང་ཆོས་བསྩལ་གནང་གྲུབ་། ༢༠༡༧…
The official reception of His Holiness 104th Gaden Tri Rinpoche Jetsun Lobsang Tenzin Pelsangpo was conducted at Sera Monastery followed by Long life offerings at Sera Monastery. Lamrim Teaching by Tri Rinpoche conducted on August 10, 2017 at Sera Monastery…
August 03, 2017 – Official grand reception offered to His Holiness 104th Gaden Tri Rinpoche Jetsun Lobsang Tenzin Pelsangpo at Gaden Monastery, Mundgod. August 04, 2017 – Main enthronement ceremony of His Holiness 104th Gaden Tri Rinpoche Jetsun…