མངོན་པ་ཀུན་བཏུས་ཀྱི་ཐོག་བགྲོ་གླེང།
༄༅། །སྟོན་པ་ཐུགས་རྗེ་ཅན་གྱི་བཀའ་སྡེ་སྣོད་གསུམ་སོགས་ཕུལ་བྱུང་ལེགས་བཤད་ཀུན་ལ་དོན་གཉེར་ཆེ་བའི་བཀུར་འོས་མཁྱེན་ལྡན་རྒྱ་ཆེའི་མང་ཚོགས་ཡོངས་ཀྱི་སྙན་ལམ་དུ། གུས་འདུད་བཅས་ཞུ་སྙིང་། བདག་ཅག་ཡོངས་ཀྱི་མགོན་སྐྱབས་ཟླ་མེད་སྤྱི་ནོར་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་འོག འཇམ་མགོན་རྒྱལ་བའི་རྒྱལ་ཚབ་སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དང། མཚུངས་མེད་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་གཙོས། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཆེས་མཐོའི་གཞུང་འཛིན་ལྷན་ཚོགས་ཀྱི་ཕུལ་བྱུང་ལམ་སྟོན་དང་། ཐུགས་སྨོན་རྒྱ་ཆེན་བཅས་གང་ཅིའི་རམ་འདེགས་རིམ་པར་བསྩལ་གནང་བ་སོགས་ཀྱི་བཀའ་དྲིན་ལ་བརྟེན་ནས། རིང་མིན་ཕྱི་ལོ་༢༠༢༡ ཟླ་བ་༡༡ པའི་ཚེས་༢༤ དང་༢༥ རེས་གཟའ་ལྷག་པ་དང་ཕུར་བུ་བཅས་ཉིན་གཉིས་རིང་མངོན་པ་ཀུན་བཏུས་ཀྱི་དྲ་ཐོག་བགྲོ་གླེང་ཆེན་མོ་གནང་རྒྱུ་ཡིན་པ་ལྟར། འདི་ནས་གོ་སྒྲིག་པས་དྲ་སྣེ་འདི་ https://www.facebook.com/GelukFoundation/live_videos/ བརྒྱུད་ངོ་དེབ་ཐོག་བགྲོ་གླེང་ཐད་གཏོང་བྱ་རྒྱུ་ཡིན་པས། དོན་གཉེར་ཅན་གྱི་ཤེས་ལྡན་སེར་སྐྱ་མང་ཚོགས་ཡོངས་ཀྱིས་གལ་ཆེའི་གོ་སྐབས་དམ་འཛིན་གྱིས་ཅིས་ཀྱང་གསན་གཟིགས་ཐུབ་པའི་རེ་སྨོན་དང་དགེ་བསྐུལ་བཅས། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ལས་ཁུངས་ནས་ཕྱི་ལོ་༢༠༢༡ ཟླ་༡༡ ཚེས་༢༢ ལ་ཕུལ།།
བགྲོ་གླེང་མཛད་རིམ་ཁག
༄༅། ། དགའ་ལྡན་ལྔ་མཆོད་དྲུག་བརྒྱ་པ་འདི་ལོ་༢༠༢༠ ཟླ་༡༢ ཚེས་༡༠ ཉིན་ཁེལ་བ་དང་། ཉིན་དེར་༸གོང་ས་ཆེན་པོ་མཆོག་ལ་༡༩༨༩ ཡི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་ལོ་༣༡ འཁོར་བའི་དུས་ཚེས་གལ་ཆེན་ཁེལ་བ་དང་། བོད་གཞུང་གི་བཀའ་ཁྱབ་དང་འབྲེལ་༢༠༢༠ ལོ་འདི་དམིགས་བསལ་༸གོང་ས་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པས། བཀའ་དྲིན་རྗེས་དྲན་གྱི་ཉིན་མོ་བཅས་ཤིན་ཏུ་དཀོན་པའི་རིན་ཐང་ཆེ་བའི་དུས་ཆེན་གསུམ་འཛོམས་སྲུང་བརྩིའི་སླད། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་དགའ་ལྡན་ལྔ་མཆོད་ཀྱི་ཕྱི་ཉིན་ ༢༠༢༠ ཟླ་༡༢ ཚེས་༡༡ ལ་དྲ་ཐོག་ཏུ་དཔྱད་རྩོམ་དང་འབྲེལ་བའི་བགྲོ་གླེང་དང་། ཚེས་༡༢ ལ་དྲ་ཐོག་ཏུ་སྙན་རྩོམ་དང་འབྲེལ་བའི་བགྲོ་གླེང་བཅས་གོ་སྒྲིག་ཞུ་རྒྱུའི་མཛད་རིམ་ཁག
དུས་ཆེན་གསུམ་འཛོམས་སྲུང་བརྩི་ཞུ་རྒྱུའི་ཁྱབ་བསྒྲགས།།
༄༅། །རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས། དགའ་ལྡན་ལྔ་མཆོད་ཆེན་མོ་དྲུག་བརྒྱ་པའི་དུས་དྲན་དང་། སྤྱི་ནོར་༸གོང་ས་ཆེན་པོ་མཆོག་གིས་༡༩༨༩ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་ནས་ལོ་ངོ་༣༡་ཧྲིལ་པོ་འཁོར་བའི་དུས་ཆེན། བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དམིགས་བསལ་གྱིས་༢༠༢༠ ལོ་འདི་༸གོང་ས་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པས། དམིགས་བསལ་བཀའ་དྲིན་རྗེས་དྲན་བཅས་ཤིན་ཏུ་དཀོན་པའི་རྩ་ཆེའི་དུས་ཆེན་གསུམ་འཛོམས་སྲུང་བརྩི་ཞུ་རྒྱུའི་ཁྱབ་བསྒྲགས།།
༄༅༑ ༑དགའ་ལྡན་ལྔ་མཆོད་སྲུང་བརྩི།
༄༅། །བཀུར་འོས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་མི་རིན་པོ་ཆེ་རྣམ་པ་ལྷན་རྒྱས་གཙོས་དགེ་ལྡན་རྗེས་འཇུག་པ་ཡོངས་ལ། འདི་ལོ་དགའ་ལྡན་ལྔ་མཆོད་ཆེན་པོའི་ལོ་ ༦༠༠ འཁེལ་བས་དུས་ཚིགས་དེ་སྲུང་བརྩི་གང་ལེགས་ཞུ་དགོས་ཞེས་ལྷན་ཚོགས་ཐོག་གྲོས་ཆོད་བྱུང་དོན་བཞིན་འདི་ནས་དགའ་ལྡན་ལྔ་མཆོད་ཉིན་༸གོང་ས་ཆེན་པོ་མཆོག་ནས་དམིགས་བསལ་བཀའ་ཆོས་སྩོལ་གནང་ཡོང་བའི་གསོལ་འདེབས་ཞུ་དོན་ཞལ་བཞེས་སྤྱི་བོར་སྨིན་པའི་གཏམ་བཟང་སྙན་འབུལ་ཞུ་རྒྱུ་དང། ཡང་གདན་ས་དང་གྲྭ་ཚང་ཁག་ཏུ་དམིགས་བསལ་སྐྱོར་སྦྱང་གནང་རྒྱུའི་ལག་ལེན་དམ་དོན་དང་ཁྱབ་བསྒྲགས་རྒྱ་ཆེན་གནང་ཐབས་ཡོང་བ་ཞུ། ཞེས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ནས་གུས་འདུད་བཅས་ཕུལ།།
འཇམ་མགོན་རྒྱལ་བའི་རྒྱལ་ཚབ་སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་གསུང་འཕྲིན།
༄༅། །འཇམ་མགོན་རྒྱལ་བའི་རྒྱལ་ཚབ་སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་རི་བོ་དགེ་ལྡན་པའི་གདན་ས་གྲྭ་ཚང་དང་དགོན་སྡེ་ཁག་གི་དབུ་བཞུགས་མཁན་རིན་པོ་ཆེ་རྣམ་པ་དང་། འཛིན་སྐྱོང་མ་ལག་ཡོངས་ལ་བསྩལ་བའི་ཡོངས་ཁྱབ་བཀའ་ཡིག་ད་རེས་ཕྱི་ཟླ་༡༠ ཚེས་༡༡ ཉིན་གནང་བ་འདི་རེད། དེ་དོན་ཀུན་གྱིས་ཐུགས་བཅང་འཚལ།།
འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙིན་བློ་བཟང་བསྟན་འཛིན་མཆོག་ནས་སྤྱི་ཟླ་ ༧ པའི་ཚེས་ ༧ ཉིན་ཁེ་ནེ་ཌ་ (Canada) དུ་རྟ་མགྲིན་ཡང་གསང་གི་བཀའ་དབང་གནང་རྒྱུ།།
འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙིན་བློ་བཟང་བསྟན་འཛིན་མཆོག་ནས་སྤྱི་ཟླ་ ༧ པའི་ཚེས་ ༧ ཉིན་ཁེ་ནེ་ཌ་ (Canada) དུ་རྟ་མགྲིན་ཡང་གསང་གི་བཀའ་དབང་གནང་རྒྱུ།།
སེར་སྨད་མཁན་རིན་པོ་ཆེ་དགེ་བཤེས་བཀྲིས་ཚེ་རིང་མཆོག་ལ་སྙན་གྲགས་ཅན་གྱི་དབྱིན་ཇི་གོང་མའི་གཟེངས་རྟགས་གནང་བར་འཚམས་འདྲི་ཞུ།།
སེར་སྨད་མཁན་རིན་པོ་ཆེ་དགེ་བཤེས་བཀྲིས་ཚེ་རིང་མཆོག་ལ་སྙན་གྲགས་ཅན་གྱི་དབྱིན་ཇི་གོང་མའི་གཟེངས་རྟགས་གནང་བར་འཚམས་འདྲི་ཞུ།།
རྒྱལ་སྤྱིའི་ཙོང་ཁ་པའི་ལོ།
ཕྱི་་ལོ་ ༢༠༡༩ ལོ་འདིར་ཁམས་གསུམ་འགྲོ་བའི་བླ་མ་རྒྱལ་བ་ཙོང་ཁ་པ་ཆེན་པོ་མཆོག་ ༡༤༡༩ ལོར་དགོངས་པ་ཆོས་དབྱིངས་སུ་འཐིམ་ཚུལ་བཞེས་ནས་མི་ལོ་ ༦༠༠ ཧྲིལ་པོ་འཁོར་བའི་དུས་ཚོགས་དམིགས་བསལ་ཅན་ཁེལ་བ་དང་བསྟུན་ཏེ། འདི་ནས་ལོ་འདི་རྒྱལ་སྤྱིའི་ཙོང་ཁ་པའི་ལོར་བསྲུང་བརྩི་ཞུ་རྒྱུའི་ཁྱབ་བསྒྲགས་སྤེལ་ནས་འབྲེལ་ཆགས་དགེ་ལྡན་པའི་གདན་ས་དང་། ཚོགས་སྡེ་ཁག་བཅས་ནས་ལས་རིམ་དམིགས་བསལ་ཅན་གང་མང་གོ་སྒྲིག་ཡོང་ཐབ་ཞུ་མུས་ཡིན། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་རང་ནས་ལོ་འདིར་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་འདས་ལོ་ ༦༠༠ འཁོར་བའི་བཀའ་དྲིན་རྗེས་དྲན་བསྲུང་བརྩིའི་ལས་རིམ་ཁག་གཤམ་གསལ།།