༄༅། །རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༢ ཚེས་ ༡༤ ནས་ ༡༦ བར་ཉིན་གསུམ་རོང་རིགས་གཅིག་རྐང་འཛིན་ཉམས་ཞིབ་ཀྱི་ལས་འཆར་ཐོག་འབྲུག་རྒྱལ་ཁབ་ནས་ཆེད་ཕེབས་སློབ་དཔོན་རྣམས་ལ་གཞུང་ཆེན་བཀའ་པོད་ལྔ་དང་། གསང་སྔགས་ཀྱི་ཐོག་ལ་ཉམས་ཞིབ་ཀྱི་ཐབས་ལམ་དང་ལུང་མཆན་འགོད་ལུགས་སྲོལ་རྒྱུན་དང་དེང་དུས་གཉིས་ཀའི་སྟེང་ནས་ཟབ་སྦྱོང་དང་སྦྱོང་བརྡར།
Read More༄། དེ་ཡང་རབ་བྱུང་ ༡༧ པའི་ཆུ་ཡོས་ལོའི་བོད་ཟླ་ ༠༨ པའི་ཚེས་ ༠༧/༠༨ ཕྱི་ལོ་ ༢༠༢༣ ཟླ་ ༠༩ ཚེས་ ༢༣ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་ནས། ཕྱི་ཚེས་ ༢༤ བར་ཉིན་གཉིས་ཀྱི་རིང་། གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་འདབས་སུ་ཆགས་པའི་དགའ་ལྡན་ཁྲི་ཐོག་ཁང་གི་བཀྲ་ཤིས་པའི་གཙུག་ལག་ཁང་གི་ཚོམས་ཆེན་དུ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་རབ་བྱུང་གི་མཁན་པོ་དང། དགའ་ཤར་ཁ་རི་མཁན་སྤྲུལ་རིན་པོ་ཆེ་བསྟན་འཛིན་བློ་བཟང་མཆོག་གིས་དགེ་ཚུལ་གྱི་སློབ་དཔོན། དགའ་བྱང་བླ་མ་གཞུང་ལས་པ་དགེ་བཤེས་བསྟན་འཛིན་རྒྱ་མཚོས་དུས་གོ་དང་གྲོགས་དན་མཛད་པ་དང། དགའ་ལྡན་ཁྲི་ཐོག་ཁང་གི་དྲུང་ཆེ་དང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ངེས་སྟོན་པ་གཅིག་ལྕོགས་འབྲས་སྤུངས་སྒོ་མང་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྒྱལ་མཚན་མཆོག་དང་། དགའ་བྱང་མཁན་རིན་པོ་ཆེ་རྗེ་བཙུན་་བློ་བཟང་བསྟན་པ་མཆོག དགའ་ཤར་སྤྲུལ་སྐུ་བསྟན་འཛིན་འོད་ཟེར་རིན་པོ་ཆེ། དགའ་ཤར་དགེ་བཤེས་དཀོན་མཆོག་བཙུན་གྲུས་ དགའ་བྱང་དགེ་བཤེས་བློ་བཟང་ཟླ་བ་བཅས་ཀྱིས་ལས་གྲལ་མཛད་ནས། བསྒྲུབ་བྱ་དགའ་ལྡན་ཤར་བྱང་གྲྭ་ཚང་གཉིས་ཀྱི་སློབ་གཉེར་བ་བརྒྱ་ཕྲག་གཅིག་དང་བཅུ་ཕྲག་གཉིསདང་ཉག་མ་དྲུག་དང། (༡༢༦ དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་བླངས་སོ།།
Read Moreསྐུའི་འཁྲུངས་སྐར་སྲུང་བརྩི། ཕྱི་ཟླ་ ༧ པའི་ཚེས་ ༦ དེ་བཞིན་ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན། ༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་མཆོག་གི་ཁྲུངས་སྐར་ལགས་ན། སྐལ་བཟང་གི་ཉིན་མོ་དེར་འདི་ག་རྒྱལ་སྤྱི་དགེ་ལྡན་ལྷན་ཚོགས་ནས། མགོན་པོ་གང་ཉིད་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་རྟེན་འབྲེལ་དུ། ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ཤིང་སྣ་འདེབས་འཛུགས་ཀྱི་ལས་གཞི་ཞིག་སྟེ། མཧྷ་གོ་ནི་ཞེས་པའི་ཤིང་སྡོང་ལྔ་བརྒྱ་བརྒྱད་དང་། བྱང་ཆུབ་ལྗོན་ཤིང་། མེ་ཏོག་སྣ་ཚོགས་འདེབས་འཛུགས་ཞུས་པ།
Read Moreའཁྲུངས་སྐར་འཚམས་དྲི།
༄༅། །ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མགོན་སྐྱབས་དམ་པ་འཛམ་གླིང་ཞི་བདེའི་དེད་དཔོན། རང་ཅག་ཁ་བ་གངས་ཅན་པ་རྣམས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་དབང་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་མཁའ་ཁྱབ་བསྟན་འགྲོའི་མགོན་དཔུང་དམ་པར་སྐུའི་མཚན་དཔེའི་ལང་ཚོ་གསར་དུ་མངོན་པར་བཞད་ནས་དགུང་གྲངས་ ༨༨ འཁོར་བའི་འཁྲུངས་སྐར་དུས་ཆེན་ཁྱད་པར་ཅན་ལ། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་དབུས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་ནས་གུས་འདུད་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག འཛམ་གླིང་ཞི་བདེའི་དེད་དཔོན་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་གི་རླབས་ཆེན་རྨད་དུ་བྱུང་བའི་གསང་གསུམ་གྱི་མཛད་བཟང་རྣམས་མཐའ་ཡས་འགྲོ་བའི་དཔལ་ལ་རྟག་ཏུ་མངོན་དུ་པར་ནས་སྐུ་ཚེ་ཞབས་ཟུང་བསྐལ་བརྒྱར་བརྟན་ཆེད། འདི་ག་ལས་ཁུངས་ནས་༸རྒྱལ་བའི་འཁྲུངས་སྐར་དུས་ཆེན་ལ་མ་ཧ་གྷོ་ནི་ཞེས་པའི་ཤིང་སྡོང་ ༥༠༨ དང་། མེ་ཏོག་སྣ་ཚོགས་འདེབས་འཛུགས་ཞུས། On this auspicious day, we extend our heartfelt birthday wishes to His Holiness the Dalai Lama. May this day be filled with joy, love, and blessings as we celebrate…
ཕྱི་ལོ་ ༢༠༢༣ ཕྱི་ཟླ་ ༤ ཚེས་ ༢༥ ནས་ ཟླ་ ༥ ཚེས་ ༡ བར་བདུན་གཅིག་རིང་དགའ་ལྡན་ཁྲི་ཐོག་ཁང་དུ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རིགས་གཅིག་རྐང་འཛིན་ཉམས་ཞིབ་སྐབས་གཉིས་པ་དགེ་བཤེས་དང་དགེ་བཤེས་མ་རྣམས་ལ་གཞུང་ཆེན་བཀའ་པོད་ལྔ་དང་། གསང་སྔགས་རྒྱུད་སྡེ་བཞི་ དུས་འཁོར་ཐོག་ཉམས་ཞིབ་ཀྱི་ཐབས་ལམ་དང་ལུང་མཆན་འགོད་ལུགས་སྲོལ་རྒྱུན་དང་དེང་དུས་ཀྱི་ཁྱད་པར་གྱི་ཐོག་ནས་ཟབ་སྦྱོང་དང་སྦྱོང་བརྡར་ཕུལ།
Read Moreལོ་གསར་འཚམས་འདྲི།
བོད་རྒྱལ་ལོ་ ༢༡༥༠ རབ་གནས་ཆུ་ཡོས་ལོའི་གནམ་ལོ་གསར་ཚེས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། WISH YOU ALL A VERY HAPPY & PROSPEROUS 2150 WATER RABBIT YEAR 2023
༄༅། །སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ།
གནས་མཆོག་རྡོ་རྗེ་གདན་དུ། དགའ་ལྡན་ཁྲི་ཐོག་ཁང་དང་། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཐུན་མོང་གིས་གོ་སྒྲིག་ཞུས་ཏེ། དཔལ་མཉམ་མེད་དགེ་ལྡན་པའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།