༄༅། །རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་གྲྭ་ཚང་དང་བསྟན་དོན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་གཉིས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་༸འཇམ་མགོན་རྒྱལ་བའི་རྒྱལ་ཚབ་མཚུངས་མེད་སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་ ༢༠༡༨ ཕྱི་ཟླ་ ༩ ཚེས་ ༢༨ ནས་ཕྱི་ཟླ་ ༡༠ ཚེས་ ༨ བར་མོན་ཡུལ་དུ་ཆིབས་སྒྱུར་བསྐྱང་རྒྱུའི་མཛད་རིམ་ཁག་གཤམ་གསལ།
རྒྱལ་སྤྱི་དགེ་ལྡན་ལྷན་ཚོགས་ཀྱི་གཞུང་འཛིན་ལྷན་ཚོགས
ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༠ དང་ ༢༡ ཉིན་གཉིས་རིང་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དང་ཤར་བྱང་ཆོས་རྗེས་རྣམ་གཉིས་དབུ་བཞུགས་ཐོག་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་པའི་གླིང་དུ་དགའ་ལྡན་ཁྲི་ཐོག་ཁང་གི་ཚོམས་ཆེན་ནང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གཞུང་འཛིན་ལྷན་ཚོགས་གཟབ་རྒྱས་ངང་གྲུབས།།
ཕྱི་ལོ་ ༢༠༡༨ ཟླ་ ༨ཚེས་ ༢༣ /༢༤ ཉིན་འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ། དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་ཁྲི་འཛིན་༧སྐྱབས་རྗེ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་ནས་དགའ་ལྡན་བྱང་རྩེ་གྲྭ་ཚང་དང་ཤར་རྩེ་གྲྭ་ཚང་གཉིས་ཀྱི་དགེ་འདུན་ཞལ་གྲངས་ ༡༦༦ ལ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བསྩལ།
ཆོས་བརྡ་གསལ་བསྒྲགས།།
༢༠༡༨ ཟླ་ ༩ ཚེས་ ༡༡ ནས་ ༢༤ བར་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་༸རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་ནས་ས་གནས་ལ་དྭགས་སུ་གནས་ཡོད་སེར་བྱེད་རུ་ཐོག་ལྷུན་གྲུབ་ཆོས་སྡིངས་དང་རྣལ་འབྱོར་མའི་ཚོགས་པ་ཐུན་མོང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་གསུང་ཆོས་བཀའ་དྲིན་རྩལ་རྒྱུ།
དགེ་ལྡན་འཇང་དགུན་ཆོས་ཆེན་མོའི་གསལ་བསྒྲགས།།
དགེ་ལྡན་འཇང་དགུན་ཆོས་ཆེན་མོ་བོད་ཟླ་ ༡༠ ཚེས་ ༡༦ ཉིན་ནས་དངོས་སུ་ཚུགས་རྒྱུ།།
༢༠༡༨ ཟླ་༨ ཚེས་ ༡༦ ཉིན་དགའ་ལྡན་བླ་སྤྱིའི་གཙུག་ལག་ཁང་དུ་༸འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་ནས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་བཀའ་དབང་དངོས་གཞི་སྒྲུབ་བཞག་གནང།།
༢༠༡༨ ཟླ་༨ ཚེས་ ༡༦ ཉིན་དགའ་ལྡན་བླ་སྤྱིའི་གཙུག་ལག་ཁང་དུ་༸འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་ནས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་བཀའ་དབང་དངོས་གཞི་སྒྲུབ་བཞག་གནང།
།།ཆོས་བརྡ་གསལ་གྲགས།།
།།འཇམ་མགོན་རྒྱལ་བའི་རྒྱལ་ཚབ་སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་དཔལ་བཟང་པོ་མཆོག་ནས་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཚོགས་ཆེན་དུ། བོད་ཟླ་ ༧ པའི་ཚེས་ ༣ ཕྱི་ཟླ་ ༨ ཚེས་ ༡༤ རེས་གཟའ་མིག་དམར་ཉིན། རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་བྱང་ཆུབ་ལམ་རིམ་ཆེན་མོའི་གསུང་ཆོས་སྔ་ལོའི་འཕྲོ་ནས་དང། སྤྱི་ཚེས་ ༡༦ ཉིན་བཀའ་དབང་དངོས་གཞི་གནང་རྒྱུ་དང། མཚུངས་མེད་ཤར་བྱང་ཆོས་རྗེ་རྣམ་གཉིས་ནས་ཤར་བྱང་གི་གྲྭ་ཚང་སོ་སོར་སྔར་སྲོལ་བཞིན་ལམ་རིམ་ཆེན་མོའི་བཀའ་ཆོས་ཉིན་གསུམ་རེ་གནང་རྒྱུ།།
།འཇམ་མགོན་རྒྱལ་བའི་གདུང་འཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་དཔལ་བཟང་པོ་མཆོག་དང་། མཚུངས་མེད་ཤར་བྱང་གི་ཆོས་རྗེ་རྣམ་པ་གཉིས་ཀྱི་ཐེ་ཝན་དགེ་ལྡན་སྨོན་ལམ་ཆེན་མོའི་མཛད་རིམ།།
༄།།བོད་རྒྱལ་ལོ་ ༢༡༤༥ རབ་གནས་ས་ཁྱི། བོད་ཟླ་ ༦ ཚེས་ ༢༠ དང་། སྤྱི་ལོ་ ༢༠༡༨ སྤྱི་ཟླ་ ༨ ཚེས་ ༢ ནས ༣ བར་ཉིན་གཉིས་རིང་འཇམ་མགོན་རྒྱལ་བའི་གདུང་འཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་དཔལ་བཟང་པོ་མཆོག་དང་། མཚུངས་མེད་ཤར་བྱང་གི་ཆོས་རྗེ་རྣམ་པ་གཉིས་བཅས་དབུ་ཞུགས་ཀྱིས་ཐེ་ཝན་དགེ་ལྡན་སྨོན་ལམ་ཆེན་མོ་སྐབས་དང་པོའི་མཛད་རིམ་གཤམ་གསལ། སྔ་དྲོའི་ཆུ་ཚོད་ ༩/༠༠ ནས་ཆུ་ཚོད་ ༡༠/༠༠ བར་མངོན་རྟོགས་རྒྱན་དང་དབུ་མ་འཇུག་པ་གཉིས་རྒྱ་སྐད་ཀྱི་དབུ་མཛད་ཟུར་དུ་གྲ་སྒྲིག་ཡོད་པ་ལྟར་རྒྱ་སྐད་ཐོག་ནས་གསུང་རྒྱུ། སྔ་དྲོའི་ཆུ་ཚོད་ ༡༠/༠༠ ནས ༡༠/༣༠ བར་ཚད་མ་དང་། ཕར་ཕྱིན་གྱི་དམ་བཅའ་འཇོག་རྒྱུ། སྔ་དྲོའི་ཆུ་ཚོད་ ༡༠/༣༠ ནས་ ༡༢/༠༠ བར་འཇམ་མགོན་༧རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ནས་སྐྱེས་རབས་སོ་བཞི་པའི་གསུང་ཆོས་གནང་རྒྱུ། ཕྱི་དྲོའི་ཆུ་ཚོད་ ༡/༠༠ ནས་ ༢/༠༠ བར་གུང་ཚིགས་ཞལ་འདོན་གསུང་རྒྱུ། ཕྱི་དྲོའི་ཆུ་ཚོད་…
༢༠༡༨ ཟླ་ ༦ ཚེས་ ༩ དང་ ༡༠ ཉིན་གཉིས་རིང་ལ་ཐེ་ཝན་ཀོའོ་ཞོང་དུ་འབྲས་སྤུངས་བློ་གསལ་གླིང་དང་དགའ་ལྡན་བྱང་རྩེ་དང་དབུ་མའི་ལམ་གྱི་ཆོས་ཚོགས་བཅས་ཀྱི་ཇི་ལྟར་གསོལ་བར་བཏབ་པ་བཞིན་མཚུངས་མེད་༧སྐྱབས་རྗེ་ཤར་པ་ཆོས་རྗེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་གིས་དབུ་མ་བཞི་བརྒྱ་པ་དང་རྒྱལ་བ་ཚེ་དཔག་མེད་ཀྱི་རྗེས་གནང་བཅས་བཀའ་ཆོས་བསྩལ་གནང།
༧སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོའི་མཆོག་གི་མཛད་འཕྲིན།།
༄།སྤྱི་ལོ་༢༠༡༨ ཟླ་ ༦ པའི་ཚེས་ ༦ ནས་ཚེས་ ༡༢ བར་། ཞྭ་སེར་བསྟན་པའི་གཙུག་ནོར་འཇམ་མགོན་༧རྒྱལ་བའི་རྒྱལ་ཚབ་མཚུངས་མེད་༧སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོའི་མཆོག་འདི་གར་ཀུ་རུ་ཀུ་ལའི་ཆོས་ཚོགས་ནས་ཇི་ལྟར་གསོབ་བ་བཏབ་པ་བཞིན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་གསུང་དབུ་མ་རིན་ཆེན་འཕྲིང་བའི་བཤད་ཁྲིད་དང་སེམས་ཅན་མགུ་བར་བྱ་བའི་བསྟོད་པའི་བཤད་ཁྲིད་དང་། སྒྲོལ་མ་ཙི་ཏྟ་མ་ཎི་དབང་། འཇམ་དབྱངས་དཀར་པོ་རྗེས་གནང་། སྒྲོལ་དཀར་ཚེས་དབང་བཅས་ཀྱི་བཀའ་དྲིན་བསྩལ་གནང་མཛད་རྒྱུ།