དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་སྒྲིག་འཛུགས་ལྟེ་བ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་ཆང་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ།།
ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༣༠ ཉིན་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་དགའ་ལྡན་ཁྲི་ཐོག་ཁང་གི་ཚོགས་ཁང་དུ། དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་སྒྲིག་འཛུགས་ལྟེ་བ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་ཆང་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ།།
དགེ་ཚུལ་གྱི་སྡོམ་པ།
༄༅། །དེ་ཡང་རབ་བྱུང་ ༡༧ པའི་ཆུ་སྟག་ལོའི་བོད་ཟླ་ ༢ པའི་ཚེས་ ༡ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན། སྔ་དྲོའི་དུས་ཀྱི་གྲིབ་ཚོད་རྐང་པ་གཉིས་སྟེ། ཆུ་ཚོད་ ༡༡ དང་སྐར་མ་ ༢༣ གྱི་དུས་སུ། བྱེས་ཀྱི་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་འདབས་སུ་ཆགས་པའི། དགའ་ལྡན་ཁྲི་ཐོག་ཁང་གི་བཀྲ་ཤིས་པའི་གཙུག་ལག་ཁང་གི་ཚོམས་ཆེན་དུ། འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་རབ་བྱུང་མཁན་པོ་དང། དགའ་ལྡན་ཤར་རྩེ་ཁ་རི་མཁན་སྤྲུལ་རིན་པོ་ཆེ། བསྟན་འཛིན་བློ་བཟང་མཆོག་གིས་དགེ་ཚུལ་སློབ་དཔོན། དགའ་བྱང་གཞུང་ལས་པ། དགེ་བཤེས་བསྟན་འཛིན་རྒྱ་མཚོས་དུས་འགོ་དང། དགའ་ཤར་དགེ་བཤེས་ཆེ་མོ་བ། བྱམས་པ་བློ་བཟང་གིས་དགེ་འདུན་ལ་ཞུ་བའི་གྲོགས་དན་མཛད་པ་དང། ཁྲི་ཐོག་ཁང་གི་དྲུང་ཆེ་དང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ངེས་སྟོན་པ་གཅི་ལྕོགས་སྒོ་མང་མཁན་ཟུར་རིན་པོ་ཆེ། དགེ་བཤེས་བློ་བཟང་རྒྱལ་མཚན་བཅས་པས་ལས་གྲལ་མཛད་ནས། བསྒྲུབ་བྱ་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་སློབ་གཉེར་བ་བཅུ་ཕྲག་དགུ་དང་གྲངས་གསུམ་སྟེ་ ༩༣ ལ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་གནང་།།
སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ།
༢༠༢༢ ཟླ་ ༣ ཚེས་ ༣༠ སྔ་དྲོའི་ཆར་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་དྲུང་ཆེ་ཤར་རྩེ་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་ལགས་ཀྱིས་རྡོ་རྗེ་སློབ་དཔོན་གནང་ནས། གཞུང་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་གཙོ་བོར་བྱས་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་དང་། བླ་སྤྱི་དང་གྲྭ་ཚང་ཁག་གི་ཕྱག་མཛོད་རྣམ་པ་བཅས། དགེ་འདུན་པ་ཉིས་བརྒྱ་ལྷག་ཙམ་དགའ་ལྡན་ཁྲི་ཐོག་ཁང་དུ་འདུ་འཛོམས་ཀྱིས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་། ཉིན་རྒྱབ་ཏུ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གཞུང་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ་དགའ་ལྡན་ཁྲི་ཐོག་ཁང་དུ་ལྷན་འཛོམས་ཀྱིས། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཕྱག་བསྟར་ངེས་སྟོན་པ་གསར་རྙིང་བར་རྩིས་སྤྲོད་ཀྱི་ལས་རིམ་ལེགས་པར་གྲུབ་རྗེས། སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་ཐུགས་རྗེ་ཆེ་ཞུའི་བཀའ་སློབ་ལམ་སྟོན་ཟབ་མོ་དང་འབྲེལ། ཕྱག་བསྟར་ངེས་སྟོན་པ་རྙིང་པར་ལེགས་སྐྱེས་ཕྱག་རྟགས་དང་། ཕྱག་བསྟར་ངེས་སྟོན་པ་གསར་པར་རྟེན་འབྲེལ་གྱི་མཇལ་དར་བྱིན་རླབས་ཐུགས་སྨོན་བཅས་བསྩལ་ཞིང་། ཚོགས་མི་ཡོངས་ནས་ཀྱང་ཕྱག་བསྟར་ངེས་སྟོན་པ་རྙིང་པ་དང་གསར་པར་ཐུགས་རྗེ་ཆེ་ཞུའི་མཇལ་དར་དང་། རྟེན་འབྲེལ་མཇལ་དར་བཅས་དང་། རྩིས་དྲུང་ལ་ཡང་ཕྱག་རྟགས་བཅས་བསྩལ་ནས་མཛད་སྒོ་རྒྱལ་ཁའི་ངང་ལེགས་པར་གྲུབ།
བགྲོ་གླེང་ཆེན་པོ།
༄༅། །འཛམ་གླིང་ཞི་བདེའི་དེད་དཔོན་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུ་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་དམིགས་བསལ་གོ་སྒྲིག་ཞུས་པའི་གཞུང་ཆེན་བཀའ་པོད་ལྔ་དང། གསང་སྔགས་བཅས་ཀྱི་ཐོག་དཔེ་ཁྲིད་དགེ་རྒན་རྣམ་པའི་བགྲོ་གླེང་ཆེན་པོ། །།
རིམ་ལྔ་རྩ་འགྲེལ་གྱི་བགྲོ་གླེང་ཆེན་མོ།
༄༅། །སྟོན་པ་ཐུགས་རྗེ་ཅན་གྱི་བཀའ་སྡེ་སྣོད་གསུམ་སོགས་ཕུལ་བྱུང་ལེགས་བཤད་ཀུན་ལ་དོན་གཉེར་ཆེ་བའི་བཀུར་འོས་མཁྱེན་ལྡན་རྒྱ་ཆེའི་མང་ཚོགས་ཡོངས་ལ་གུས་འདུད་བཅས་སྔགས་ཀྱི་བབྲོ་གླེང་སྐོར་གནས་ཚུལ་སྙན་འབུལ་ཞུ།
དབུ་མ་བཞི་བརྒྱ་པའི་དྲ་ཐོག་བགྲོ་གླེང་ཆེན་མོ། ཉིན་དང་པོའི་ཚོགས་ཐེངས་དང་པོ།
༄༅། །བདག་ཅག་ཡོངས་ཀྱི་མགོན་སྐྱབས་ཟླ་མེད་སྤྱི་ནོར་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་འོག འཇམ་མགོན་རྒྱལ་བའི་རྒྱལ་ཚབ་སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དང། མཚུངས་མེད་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་གཙོས། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཆེས་མཐོའི་གཞུང་འཛིན་ལྷན་ཚོགས་ཀྱི་ཕུལ་བྱུང་ལམ་སྟོན་དང་། ཐུགས་སྨོན་རྒྱ་ཆེན་བཅས་གང་ཅིའི་རམ་འདེགས་རིམ་པར་བསྩལ་གནང་བ་སོགས་ཀྱི་བཀའ་དྲིན་ལ་བརྟེན་ནས། ཕྱི་ལོ་༢༠༢༡ ཟླ་བ་༡༢ པའི་ཚེས་༤ རེས་གཟའ་སྤེན་པའི་ཉིན་དབུ་མ་བཞི་བརྒྱ་པའི་དྲ་ཐོག་བགྲོ་གླེང་ཆེན་མོ།
དབུ་མ་བཞི་བརྒྱ་པའི་དྲ་ཐོག་བགྲོ་གླེང་ཆེན་མོ་
༄༅། །སྟོན་པ་ཐུགས་རྗེ་ཅན་གྱི་བཀའ་སྡེ་སྣོད་གསུམ་སོགས་ཕུལ་བྱུང་ལེགས་བཤད་ཀུན་ལ་དོན་གཉེར་ཆེ་བའི་བཀུར་འོས་མཁྱེན་ལྡན་ཡོངས་ཀྱི་སྙན་ལམ་དུ། གུས་འདུད་བཅས་ཞུ་སྙིང་། ཕྱི་ལོ་༢༠༢༡ ཟླ་བ་༡༢ པའི་ཚེས་༤ དང་༥ རེས་གཟའ་སྤེན་པ་དང་ཉི་མ་བཅས་ཉིན་གཉིས་རིང་དབུ་མ་བཞི་བརྒྱ་པའི་དྲ་ཐོག་བགྲོ་གླེང་ཆེན་མོ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུ་རྒྱུ་ཡིན།
རིང་མིན་ཕྱི་ལོ་༢༠༢༡ ཟླ་བ་༡༢ པའི་ཚེས་༤ དང་༥ རེས་གཟའ་སྤེན་པ་དང་ཉི་མ་བཅས་ཉིན་གཉིས་རིང་དབུ་མ་བཞི་བརྒྱ་པའི་དྲ་ཐོག་བགྲོ་གླེང་ཆེན་མོ་གནང་རྒྱུ་ཡིན་པ་ལྟར།
རིང་མིན་ཕྱི་ལོ་༢༠༢༡ ཟླ་བ་༡༢ པའི་ཚེས་༤ དང་༥ རེས་གཟའ་སྤེན་པ་དང་ཉི་མ་བཅས་ཉིན་གཉིས་རིང་དབུ་མ་བཞི་བརྒྱ་པའི་དྲ་ཐོག་བགྲོ་གླེང་ཆེན་མོ་གནང་རྒྱུ་ཡིན་པ་ལྟར། འདི་ནས་གོ་སྒྲིག་པས་དྲ་སྣེ་འདི་