དགའ་ལྡན་བྱང་རྩེ་བླ་སྤྲུལ་ལྷན་ཚོགས་ནས་བརྟན་བཞུགས་ཕལ་བ།
༢༠༡༨ ཟླ་ ༥ ཚེས་ ༡༥ ཉིན་དགའ་ལྡན་བྱང་རྩེ་གྲ་ཚང་དུ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་གིས་སེར་སྐྱ་མང་ཚོགས་ལ་ཚེ་དཔག་མེད་ཀྱི་ཚེ་དབང་བརྩལ་གནང་བ་དང་བྱང་རྩེ་བླ་སྤྲུལ་ལྷན་ཚོགས་དང་གྲྭ་ཚང་ཐོུང་ནས་ཁྲི་རིན་པོ་ཆེར་ཚེ་དཔག་མེད་ཀྱི་ཆོ་གའི་སྒོ་ནས་བརྟན་བཞུགས་འབུལ།