ནང་པའི་སློབ་གཉེར་ཁང་དབུ་བརྙེས་པའི་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས།
ཕྱི་ཟླ་ ༧ པའི་ཚེས་ ༦ དེ་བཞིན་ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན། ༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་མཆོག་གི་ཁྲུངས་སྐར་ལགས་ན། སྐལ་བཟང་གི་ཉིན་མོ་དེར་འདི་ག་རྒྱལ་སྤྱི་དགེ་ལྡན་ལྷན་ཚོགས་ནས། མགོན་པོ་གང་ཉིད་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་རྟེན་འབྲེལ་དུ། ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ཤིང་སྣ་འདེབ་འཛུགས་ཀྱི་ལས་གཞི་རྒྱ་ཆེན་ཞིག་སྤེལ།